(1) དྲི་བ། སྤོལ་སྒྲོམ་ཐག་ཉེའི་༼དམའ་ས།༽ནས། ཁྱོད་ཀྱིས་ཇི་ལྟར་སྤོ་ལོ་ཡོད་པའི་གདོང་ལེན་རྩེད་མོ་བ་འགོག་སྲུང་བྱེད།

ལན། དམའ་སའི་འགོག་སྲུང་ལ་མཚོན་ན། ཆེས་གལ་ཆེ་བ་ནི་གདོང་ལེན་རྩེད་མོ་བར་སྤོལ་སྒྲོམ་ཐག་ཉེ་རུ་སྤོ་ལོ་ལེན་དུ་འཇུག་མི་རུང་། ༼མང་ཆེ་ཤོས་གྱོ་མོག་ཡོད་ས་ཡིན། ཞིབ་ཕྲ་རྗེས་ནས་བཤད།༽ གལ་སྲིད་གདོང་ལེན་རྩེད་མོ་བས་སྤོལ་སྒྲོམ་ཆེས་ཉེ་ས་རུ་སྤོ་ལོ་བླངས་ཚེ། ཁྱོད་ཀྱིས་འགོག་སྲུང་གི་སྒྲིག་ལམ་དང་མཐུན་པའི་རྩ་དོན་ལག་བསྟར་བྱ་འོས། ཡིན་ནའང་། གཤམ་གྱི་གནས་ཚུལ་འདི་དག་དམིགས་བསལ་ཡིན།

  • ཕར་རྒོལ་བ་སྤོལ་སྒྲོལ་གྱི་ཆེས་ཉེ་སར་བཅར་བ་ནས་བཟུང་། ང་ཚོས་སྤོལ་འཕེན་སྔོན་འགོག་བྱེད་པ་ནི་སྤོལ་རྡེབ་དང་ལག་བརྒྱུད་ལས་ཀྱང་གལ་ཆེ་ལ། འགོག་སྲུང་བས་ལག་མངར་གྱི་རིང་ཚད་ལས་ཉེ་རུ་བཅར་ནས་འགྲན་སྡུར་བྱེད། 

 
༼འགོག་མཁན་འདི་ལག་མངར་གཅིག་གི་རིང་ཚད་ལས་ཉེ་སར་ཡོད་པའི་མ་དཔེ།༽

༼འགོག་མཁན་འདི་ལག་མངར་གཅིག་གི་རིང་ཚད་ལས་ཉེ་སར་ཡོད་པའི་མ་དཔེ།༽

 
  • ཕར་རྒོལ་བ་སྤོལ་སྒྲོལ་གྱི་ཆེས་ཉེ་སར་བཅར་བ་ནས་བཟུང་། ཁོ་ཚོ་དཀྱིལ་དུ་འགྲོ་མིན་ལ་འབྲེལ་བ་མེད་པར། ལག་པ་གཉོམ་ཕྱོགས་ནས་ཕར་རྒོལ་བྱེད་དུ་འཇུག་དགོས། ༼སྤྱིར་བཏང་དུ་ཕར་རྒོལ་རྩེད་མོ་བས་ལག་པ་གཡས་ཕྱོགས་ཀྱིས་སྤོལ་འཕེན་བྱ་ན། ལག་པ་གཡས་པ་གཡོན་ཕྱོགས་སུ་འགྲོ་རུ་འཇུག་དགོས། ལྡོག་ཕྱོགས་ལྟར་བྱེད་དགོས།༽

༼འགོག་མཁན་འདིས་ཕར་རྒོལ་བ་ཁོ་ཚོའི་གཡོན་ཕྱོགས་སུ་འགྲོ་རུ་འཇུག་པའི་མ་དཔེ།༽

༼འགོག་མཁན་འདིས་ཕར་རྒོལ་བ་ཁོ་ཚོའི་གཡོན་ཕྱོགས་སུ་འགྲོ་རུ་འཇུག་པའི་མ་དཔེ།༽

  • ཕར་རྒོལ་བརྒྱུད་རིམ་ཁྲོད། ཕར་རྒོལ་བས་དལ་བུར་སྤོལ་སྒྲོམ་དང་ཉེ་བར་བཅར་ཐབས་བྱེད་སྲིད་པས། འགོག་སྲུང་བས་བྲང་གཞོང་གིས་འགོག་པར་གྲ་སྒྲིག་བྱེད་དགོས་པར་མ་ཟད། ༼འགན་འཁུར་གྱི་འདུ་ཤེས།༽ ཕར་རྒོལ་བ་སྤོལ་སྒྲོམ་དང་ཉེ་བར་བཅར་བ་སྔོན་འགོག་བྱེད་དགོས། 

༼འགོག་མཁན་འདིས་རང་གི་བྲང་གཞོང་གིས་འགོག་སྲུང་བྱེད་བཞིན་པའི་མ་དཔེ།༽

༼འགོག་མཁན་འདིས་རང་གི་བྲང་གཞོང་གིས་འགོག་སྲུང་བྱེད་བཞིན་པའི་མ་དཔེ།༽

༼འགོག་མཁན་འདི་ཕར་རྒོལ་དྲག་རྒོལ་ཁྲོད་ས་རུ་བསྒྱེལ་བའི་མ་དཔེ།༽

༼འགོག་མཁན་འདི་ཕར་རྒོལ་དྲག་རྒོལ་ཁྲོད་ས་རུ་བསྒྱེལ་བའི་མ་དཔེ།༽


ནུས་རྩལ་བསྐྱར་སྦྱོང་།


ནུས་རྩལ་བསྐྱར་སྦྱོང་། 1v1 དམའ་སའི་ཡུལ་དངོས་འགྲན་རྩོད། 

སྒྲིག་ལམ།

ནུས་རྩལ་སྦྱོང་བརྡར་ 2.1.1.4 དང་འདྲ་མོད། འོན་ཀྱང་འགོ་དམའ་ས་ནས་བརྩམས་ཏེ།༼སྤོལ་སྒྲོམ་དང་ཆེས་ཉེ་བའི་དུམ་ཐིག་སྤོམ་པོ།༽ ཕར་རྒོལ་བ་སྐར་གསུམ་ཐིག་གི་གཡས་གཡོན་དང་དཀྱིལ་ལ་འགྲོ་བ་སྔོན་འགོག་བྱེད་པ་ལས། འགོག་སྲུང་བས་ཕར་རྒོལ་བའི་ལག་པ་སྟོབས་ཕྱོགས་སྔོན་འགོག་བྱེད་དགོས།