ནུས་རྩལ་བསྐྱར་སྦྱོང་།


ནུས་རྩལ་བསྐྱར་སྦྱོང་། 1v1འགོག་སྲུང་གི་འདུག་གནས།༼འགོག་སྲུང་བའི་ལུས་པོ་དང་ས་གནས། འགུལ་སྐྱོད། འགྲན་རྩོད་བཅས་ལ་གཟབ་ནན་བྱོས།༽

སྒྲིག་ལམ།

  • རྩེད་མོ་བ། ཕར་རྒོལ་བ་གཅིག་དང་འགོག་སྲུང་བ་གཅིག་དགོས། ༼ཕར་རྒོལ་བས་སྐར་མ་ཐོབ་ཐབས་མི་བྱེད།༽

  • འགོ་རྩོམ་པའི་ས་གནས། སྐར་གསུམ་ཐིག་གཡས་གཡོན་ཕྱོགས་གཉིས་གང་རུང་སྟེ། ཐིག་ཕྱིའི་གོམ་པ་གཅིག་གི་ས་ནས་འགོ་བརྩམས་ཏེ་རྩེད་ཐང་གི་ཕྱོགས་གཉིས་བེད་སྤྱོད་བྱ། ༼གཡས་ཕྱོགས་དང་གཡོན་ཕྱོགས།༽

  • རེས་འཁོར། གལ་སྒྲིག་པའི་མི་རྗེས་མ་ནི་ཕར་རྒོལ་བ་ཡིན། ཕར་རྒོལ་བ་འགོག་མཁན་དང་། འགོག་མཁན་མཐའ་མའི་ཐིག་གི་ནང་དུ་རེས་མོས་སུ་འཁོར།

མྱུར་ཚད། 

  • ༡ དལ་མོ།

  • ༢ བར་མ།

  • ༣ མྱུར་མོ།

ཚད་གཞི། ༼ཚད་གཞི་རེ་རེ་ལ་མཚོན་ན། ཚད་གཞི་རྗེས་མར་མ་སླེབས་ཡར་སྔོན་ལ། ཚད་གཞི་རེ་རེའི་མྱུར་ཚད་བརྒྱུད་དགོས།༽

  • ༡ ཕར་རྒོལ་བས་སྤོ་ལོ་རྡེབ་ནས་སྣེ་ཐིག་བར་དུ་འགྲོ་དགོས།

  • ༢ ཕར་རྒོལ་བ་དཀྱིལ་ལ་འགྲོ་ཐབས་བྱེད་པར་འགོག་མཁན་གྱིས་འགོག་དགོས། དེ་ནས། ཕར་རྒོལ་བས་ཁ་ཕྱོགས་བརྗེས་ཏེ་སྣེ་ཐིག་ཕྱོགས་སུ་སྤོ་ལོ་རྡེབ་ནས་མུ་མཐུད་དུ་འགྲོ་དགོས། 

  • ༣ ཕར་རྒོལ་བ་དཀྱིལ་ལ་འགྲོ་ཐབས་བྱེད་པར་འགོག་མཁན་གྱིས་འགོག་དགོས་པ་དང་། དེ་ནས། ཕར་རྒོལ་བས་ཁ་ཕྱོགས་བརྗེས་ཏེ་སྣེ་ཐིག་ཕྱོགས་སུ་སྤོ་ལོ་རྡེབ་བཞིན་མུ་མཐུད་དུ་སོང་ནས། མཚམས་བཞག་སྟེ་སྤོ་ལོ་བཟུང་རྗེས། འགོག་སྲུང་བས་སྤོ་ལོ་ཤི་སོང་ཞེས་སྐད་བརྒྱབ་སྟེ་ལག་པ་སྤོ་ལོའི་དྲང་ཐད་དུ་བཞག་ནས་མེ་ལོང་ལྟ་བུ་བྱེད་དགོས།

  • ༤ ཕར་རྒོལ་བ་དཀྱིལ་ལ་འགྲོ་ཐབས་བྱེད་པར་འགོག་མཁན་གྱིས་འགོག་དགོས་པ་དང་། དེ་ནས། ཕར་རྒོལ་བས་ཁ་ཕྱོགས་བརྗེས་ཏེ་སྣེ་ཐིག་ཕྱོགས་སུ་སྤོ་ལོ་རྡེབ་བཞིན་མུ་མཐུད་དུ་སོང་ནས་སྤོལ་འཕེན་དང་། འགོག་སྲུང་བས་སྤོལ་འཕེན་ལ་འགྲན་རྩོད་བྱེད་དགོས། ༼ད་དུང་། པང་སྤོལ་འཛིན་མི་དགོས་པས། རྗེས་མར་མང་དུ་ཁ་སྣོན་བྱེད།༽


ནུས་རྩལ་བསྐྱར་སྦྱོང་། 1v1 འགྲན་རྩོད་ཡུལ་དངོས། འགོག་སྲུང་སྐར་མ།

སྒྲིག་ལམ།

  • རྩེད་མོ་བ། ཕར་རྒོལ་བ་གཅིག་དང་འགོག་སྲུང་བ་གཅིག་དགོས། ༼ཕར་རྒོལ་བས་སྐར་མ་ཐོབ་ཐབས་བྱེད།༽ 

  • རྩེད་མོ་རྩེ་བ། ཕར་རྒོབ་བས་སྤོལ་འཕེན་ཐེངས༡དང་སྤོལ་རྡེབ་ཐེངས༤།

  • སྐར་མ། གལ་སྲིད་འགོག་མཁན་གྱིས་འགོག་སྲུང་ནན་མོ་བྱས་ཏེ་ཕར་རྒོལ་བར་སྐར་མ་ལེན་དུ་མ་བཅུག་ན་འགོག་མཁན་ལ་སྐར་མ་ཐོབ་རྒྱུ་ཡོད

  • འགོ་རྩོམ་པའི་ས་གནས། སྐར་གསུམ་ཐིག་གི་གཡས་གཡོན་ཕྱོགས་གཉིས་གང་རུང་སྟེ། ཐིག་ཕྱིའི་གོམ་པ་གཅིག་གི་ས་ནས་འགོ་བརྩམས་ཏེ་རྩེད་ཐང་གི་ཕྱོགས་གཉིས་བེད་སྤྱོད་བྱ། ༼གཡས་ཕྱོགས་དང་གཡོན་ཕྱོགས།༽

  • རེས་འཁོར། གལ་སྲིད་ཕར་རྒོལ་བ་རྒྱལ་ན། ༼སྐར་མ་ཐོབ་པའམ་འགོག་སྲུང་བྱས་པ་མི་བཟང་བ།༽ ཕར་རྒོལ་བ་འགོག་སྲུང་བར་བརྗེ་དགོས། གལ་སྲིད་འགོག་སྲུང་བ་རྒྱལ་ན། ༼སྐར་མ་མ་ཐོབ་པའམ་འགོག་སྲུང་བྱས་པ་བཟང་བ།༽ ཁོ་ཚོས་མུ་མཐུད་དུ་འགོག་སྲུང་བྱས་ནས་སྐར་མ་ཐོབ་པར་བརྩོན་ལེན་བྱེད་དགོས། ཕམ་མཁན་མཐའ་ཐིག་གི་ཕྱོགས་སུ་འགྲོ་དགོས།

འགོག་སྲུང་བྱས་པ་བཟང་བའི་མ་དཔེ།

  • ༡ འགོག་སྲུང་བས་ཕར་རྒོལ་བ་དཀྱིལ་དང་ཆ་གསུམ་གནས་སུ་འགྲོ་རུ་མི་འཇུག

  • ༢ ཕར་རྒོལ་བས་སྤོལ་འཕེན་བྱེད་སྐབས། འགོག་སྲུང་བས་ལག་མངར་གཅིག་ཙམ་གྱི་བར་ཐག་ནས་འགོག་དགོས།

  • ༣ འགོག་སྲུང་བས་ལག་པ་ཡར་བཀྱགས་ནས་སྤོལ་འཕེན་ལ་འགྲན་རྩོད་བྱེད་དགོས།

  • ༤ འགོག་སྲུང་བ་འཕེན་མཁན་དང་སྤོལ་སྒྲོམ་བར་དུ་ཡོད་དགོས།

ཐོབ་སྐར། ༼འགོག་སྲུང་བ་ཁོ་ནར་སྐར་མ་ཐོབ།༽

  • གལ་སྲིད་ཕར་རྒོལ་ལ་འགལ་འཛོལ་དང་འགོག་སྲུང་བྱས་པ་བཟང་ན། སྐར་མ་༡ཐོབ་པར་བརྩི།༼གོང་གི་རི་མོར་བལྟས།༽

  • ཐོག་མར་སྐར་མ་༥ཐོབ་མཁན་རྒྱལ་བ་ཡིན།

  • ཕམ་མཁན་ལ་ཉེས་ཆད་ཡོད། ༼དཔེར་ན། ཁ་བུབ་ལུས་རྩལ་དང་རྒྱུག་འགྲན་ལྟ་བུ།༽