དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་། > 2.1.2. སྤོལ་དགག་འགོག་སྲུང་། >

2.1.2.4. ས་གནས་མི་འདྲ་བའི་འཁོར་སྐྱོད། ༼སྤོལ་དགག སྤོ་ལོ་ཡོད་མི།༽

 

(1) དྲི་བ། ང་ལ་ཆེད་དུ་བསྐོས་པའི་པའི་རྩེད་མོ་བས་རང་ལག་ཏུ་ཡོད་པའི་སྤོ་ལོ་ལག་བརྒྱུད་གཅིག་གི་སར་ཡོད་པའི་ཕར་རྒོལ་རྩེད་མོ་བ་གཞན་ལ་ལག་བརྒྱུད་བྱེད་སྐབས། ངས་ཇི་ལྟར་སྤོ་ལོ་ཡོད་མི་འགོག་སྲུང་ནས་སྤོལ་དགག་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད། 

ལན། སྤོ་ལོ་ཡོད་མི་འགོག་སྲུང་ནས་སྤོལ་དགག་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་སྐབས། ཁྱོད་༼སྤོ་ལོའི་ཕྱོགས་སུ་ལྡིང༽དགོས། སྤོ་ལོའི་ཕྱོགས་སུ་ལྡིང་དགོས་པའི་རྒྱུ་མཚན་ནི། ཁྱོད་དེ་མ་ཐག་ཏུ་རང་ལ་ཆེད་དུ་བསྐོས་པའི་རྩེད་མོ་བ་དང་སྤོ་ལོའི་བར་དུ་སོང་ནས། སྤོལ་འགྲམ་ནང་འཛུལ་སྔོན་འགོག་བྱེད་དགོས་པས་རེད། ༼འདི་ནི་སྤོལ་དགག་འགོག་སྲུང་ནང་གི་ཆེས་ཉེན་ཁ་ཆེ་བའི་འཇིགས་སྐུལ་ཡིན།༽


(2) དྲི་བ། མཚམས་འཇོག་དང་སྤར་འདྲེད་བྱེད་ཆེད། ང་རང་སྤོལ་དགག་འགོག་སྲུང་ན་ཡོད་སྐབས། གལ་སྲིད་ང་ལ་ཆེད་དུ་བསྐོས་པའི་རྩེད་མོ་བར་སྤོ་ལོ་ལག་བརྒྱུད་བྱ་ན། ངས་ཇི་ལྟར་སྤོལ་དགག་འགོག་སྲུང་ནས་སྤོ་ལོ་ཡོད་མི་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད།

ལན། ཁྱོད་ཀྱིས་ངེས་པར་དུ་མགྱོགས་མྱུར་ངང་རང་ནུས་ཅི་ལྕོགས་བྱས་ཏེ་ཕྱིར་སྤོ་ལོ་ཡོད་མི་འགོག་སྲུང་གི་ས་གནས་སུ་ཡོང་ནས། སྤོལ་རྡེབ་མྱུར་མོ་བྱས་ནས་འགྲོ་བ་དང་སྤོལ་འཕེན་སྔོན་འགོག་བྱེད་དགོས། ༼གཤམ་གྱི་རྩལ་ལྭ་དཀར་བོ་གྱོན་པའི་འགོག་མཁན་ལ་ལྟོས།༽ འདི་ལ་དུས་ཐུང་གི་སྒོ་གཏན་ཟེར།


ནུས་རྩལ་སྦྱོང་བརྡར།


ནུས་རྩལ་སྦྱོང་བརྡར། #1 གཞི་རྩའི་འགོག་སྲུང་།

ཕར་རྒོལ་བ་༡་ཡིས་སྤོ་ལོ་བཟུང་ནས་ཆ་གསུམ་གནས་ཀྱི་རྩེ་ནས་འགོ་རྩོམ། འགོག་མཁན་༡་ཡིས་སྤོ་ལོ་ཡོད་མི་འགོག་སྲུང་བྱེད་དགོས།

ཕར་རྒོལ་བ་༢་ལག་བརྒྱུད་གཅིག་གི་སའི་གཤོག་པའི་གཡས་གཡོན་གང་རུང་དུ་ཡོད། འགོག་མཁན་༢་ཡིས་སྤོལ་དགག་འགོག་སྲུང་བྱེད་དགོས།

ཕར་རྒོལ་བ་༡་ཡིས་༢་ལ་ལག་བརྒྱུད་དང་། འགོག་མཁན་༡་སྤོ་ལོའི་ཕྱོགས་སུ་ལྡིང་ནས། སྤོ་ལོ་ཡོད་མི་འགོག་སྲུང་ནས་སྤོལ་དགག་འགོག་སྲུང་ལ་བར་བརྒལ་བྱེད་དགོས། འགོག་མཁན་༢ཡིས་སྤོལ་དགག་འགོག་སྲུང་ནས་སྤོ་ལོ་ཡོད་མི་འགོག་སྲུང་ལ་བར་བརྒལ་བྱས་ཏེ་ཕར་རྒོལ་བ་༢ལ་དུས་ཐུང་གི་སྒོ་གཏན་དགོས། 

དེ་ནས། ཕར་རྒོལ་བ་༢ཡིས་༡་ལ་སྤོ་ལོ་ཕྱིར་ལག་བརྒྱུད་དང་། འགོག་སྲུང་རྩེད་མོ་བ་ཚོ་རང་གི་འགོག་སྲུང་ས་གནས་གསར་བར་བར་བརྒལ་བྱེད། འགོག་མཁན་ལ་ཁོ་ཚོའི་ས་གནས་བར་བརྒལ་བྱེད་པར་སྦྱོང་བརྡར་ཐོབ་ཆེད། ཕར་རྒོལ་བས་ཕར་ཚུར་ལག་བརྒྱུད་ཐེངས་ཁ་ཤས་བྱ་རོགས།

དེ་ནས། ཕར་རྒོལ་བ་༢་དང་འགོག་མཁན་༢ཡིས་གཤོག་པའི་སྣེ་གཅིག་ཏུ་བརྗེ་སྤོར་བྱས་ཏེ་བསྐྱར་ཟློས་བྱོས།


ནུས་རྩལ་སྦྱོང་བརྡར། #2 ལག་བརྒྱུད་དང་མཉམ་དུ་མཚམས་འཇོག

ཕར་རྒོལ་བ་༡་ཡིས་སྤོ་ལོ་བཟུང་ནས་ཆ་གསུམ་གནས་ཀྱི་རྩེ་ནས་འགོ་རྩོམ། འགོག་མཁན་༡་ཡིས་སྤོ་ལོ་ཡོད་མི་འགོག་སྲུང་བྱེད་དགོས།

ཕར་རྒོལ་བ་༢་ལག་བརྒྱུད་གཅིག་གི་སའི་གཤོག་པའི་གཡས་གཡོན་གང་རུང་དུ་ཡོད། འགོག་མཁན་༢་ཡིས་སྤོལ་དགག་འགོག་སྲུང་བྱེད་དགོས།

ཕར་རྒོལ་བ་༡ཡིས་འགོག་མཁན་༢་དང་སྤོལ་སྒྲོམ་ཕྱོགས་སུ་སྤོལ་རྡེབ་བྱེད་སྐབས། འགོག་མཁན་༡ཡིས་སྤོ་ལོ་ཡོད་མི་འགོག་སྲུང་དང་། འགོག་མཁན་༢ཡིས་ཕར་རྒོལ་བ་༡་ལ་མཚམས་འཇོག་བྱེད་དུ་བཅུག དེ་ནས་ཕར་རྒོལ་བ་༡་ཡིས་༢་ལ་སྤོ་ལོ་ལག་བརྒྱུད་དང་། འགོག་མཁན་༢་ཡིས་ཕར་རྒོལ་བ་༢ཕྱོགས་སུ་སླར་ལོག་དང་དུས་ཐུང་གི་སྒོ་གཏན་དགོས།

འདི་ལྟར་དལ་མོ་དང་བར་མ། མྱུར་མོ་བཅས་མགྱོགས་ཚད་མི་འདྲ་བ་གསུམ་གྱི་སྒོ་ནས་རྩེད་མོ་བ་རེ་རེས་ཐེངས་ཁ་ཤས་ལ་ཚོད་ལྟ་བྱོས།


ནུས་རྩལ་སྦྱོང་བརྡར། #3 ལག་བརྒྱུད་དང་མཉམ་དུ་སྤར་འདྲེད།

ཕར་རྒོལ་བ་༡་ཡིས་སྤོལ་སྒྲོམ་གཡས་གཡོན་གང་རུང་ནས་སྤོ་ལོ་དང་ལྷན་དུ་འགོ་རྩོམ་པ་དང་། འགོག་མཁན་༡་ཡིས་སྤོ་ལོ་ཡོད་མིའི་གདོང་ལེན་པའི་འགོག་སྲུང་བྱེད།

ཕར་རྒོལ་བ་༢་ལག་བརྒྱུད་གཅིག་གི་སའི་གཤོག་པའི་གཡས་གཡོན་གང་རུང་དུ་ཡོད། འགོག་མཁན་༢་ཡིས་སྤོལ་དགག་འགོག་སྲུང་བྱེད་དགོས།

འགོག་མཁན་༢་ཡིས་ཕར་རྒོལ་བ་༡་ལ་སྤར་འདྲེད་བྱས་ཏེ། ཕར་རྒོལ་བ་༢་ལ་ལག་བརྒྱུད་བྱེད་པར་སྐུལ་འདེད་དང་། དེ་ནས་འགོག་མཁན་༢་ཡིས་ཕར་རྒོལ་བ་༢་ལ་དུས་ཐུང་གི་སྒོ་གཏན་དང་སླར་ལོག་བྱེད་དགོས།

འདི་ལྟར་དལ་མོ་དང་བར་མ། མྱུར་མོ་བཅས་མགྱོགས་ཚད་མི་འདྲ་བ་གསུམ་གྱི་སྒོ་ནས་རྩེད་མོ་བ་རེ་རེས་ཐེངས་ཁ་ཤས་ལ་ཚོད་ལྟ་བྱོས།