(1) དྲི་བ། རྩེད་མོ་བའི་འགོག་སྲུང་ཁྲོད་༼སྤོལ་དགག་༽འགོག་སྲུང་ནི་ཅི་ཞིག་རེད།

ལན། གལ་སྲིད་ཁྱོད་ལ་ཆེད་དུ་བསྐོས་པའི་ཕར་རྒོལ་རྩེད་མོ་བ་སྤོ་ལོ་སྟངས་འཛིན་པ་ལས་ལག་བརྒྱུད་གཅིག་གི་སར་ཡོད་ན། ཁྱོད་ཀྱིས་སྤོལ་དགག་འགོག་སྲུང་བྱ་དགོས། ལག་བརྒྱུད་གཅིག་གི་ས་ཞེས་པ་ནི་ཁྱོད་ཀྱི་ཕར་རྒོལ་རྩེད་མོ་བ་སྤོ་ལོ་སྟངས་འཛིན་པ་ལས་རྨིད་༣ཡས་མས་ཀྱི་ཐད་ཀར་ལག་བརྒྱུད་བྱ་ཐུབ་པའི་ས་ཕྱོགས་ལ་གོ། ༼དེ་ལ་ལག་བརྒྱུད་ལམ་ཐིག་ཟེར།༽

 
 

(2) དྲི་བ། ༼སྤོལ་དགག་༽འགོག་སྲུང་ཁྲོད། ང་ཚོས་ཇི་ལྟར་སྤོལ་འཕེན་གཟུ་ཚད་ཆེས་དམའ་མོ་མངོན་འགྱུར་བྱེད།

ལན། སྤོལ་འཕེན་གཟུ་ཚད་ཆེས་དམའ་མོ་ནི་སྤོལ་སྒྲོམ་དང་བར་ཐག་རིང་བའི་འགྲན་རྩོད་སྤོལ་འཕེན་ཡིན་པ་སེམས་ལ་ཟུངས། སྤོལ་དགག་འགོག་སྲུང་གིས་གཤམ་གྱི་བྱེད་ཐབས་འདི་དག་བརྒྱུད་ནས་དམིགས་འབེན་མངོན་འགྱུར་བྱེད། 

  • ལག་བརྒྱུད་ལམ་ཐིག་ནང་གི་ལག་པ། སྤྱིར་ན་ཁྱོད་ཀྱི་རྩེད་མོ་བར་ལག་བརྒྱུད་བྱེད་པ་གང་ཐུབ་ཀྱིས་ཇེ་དཀའ་རུ་གཏོང་བ་དང་། ལྷག་ཏུ་སྤོལ་སྒྲོམ་དང་བར་ཐག་ཉེ་དུས་དེ་ལྟར་བྱེད་དགོས།

  • ཁྱོད་ལ་ཆེད་དུ་བསྐོས་པའི་ཕར་རྒོལ་རྩེད་མོ་བ་དང་སྤོ་ལོ་སྟངས་འཛིན་པའི་བར་དུ་འདུག ཕར་རྒོལ་བ་རང་གི་མདུན་དུ་འབྲོ་རུ་མི་འཇུག་པ་དང་། ལྷག་ཏུ་སྤོལ་སྒྲོམ་ཐག་ཉེ་ནས་དེ་ལྟར་བྱེད་དུ་འཇུག་མི་རུང་།

  • སྤོ་ལོ་སྟངས་འཛིན་པའི་སྤོལ་རྡེབ་ཁ་ཕྱོགས་བཀག་འགོག སྤོ་ལོ་སྟངས་འཛིན་པ་ནི་སྐར་མ་ཐོབ་པར་ཆེས་ཉེན་ཁ་ཆེ་བའི་འཇིགས་སྐུལ་བ་ཡིན། གལ་སྲིད་སྤོ་ལོ་སྟངས་འཛིན་པ་ཁྱོད་ཕྱོགས་ཀྱི་སྤོལ་སྒྲོམ་ཐག་ཉེར་སྤོལ་རྡེབ་བྱས་ནས་ཡོང་ན། ཁྱོད་ཀྱིས་ངེས་པར་དུ་རང་གི་རྩེད་མོ་བ་དུས་ཐོག་ཏུ་བསྐྱུར་ནས། སྤོ་ལོ་སྟངས་འཛིན་པ་བཀག་འགོག་བྱེད་དགོས།

ང་ཚོས་མ་འོངས་པར་བྱེ་བྲག་གི་ནང་དོན་རེ་རེར་ཞིབ་ཕྲའི་སྒོ་ནས་གྲོས་སྡུར་བྱ།


(3) དྲི་བ། སྤོལ་དགག་འགོག་སྲུང་གི་དམིགས་འབེན་མངོན་འགྱུར་བྱེད་པའི་གོ་རིམ་ཅི་ཞིག་ཡིན།

ལན། ང་ཚོས་སྤོལ་དགག་འགོག་སྲུང་ཁྱོད་ལ་ཆེད་བསྐོས་བྱས་པའི་རྩེད་མོ་བ་དང་སྤོ་ལོ་སྟངས་འཛིན་པ་གདམ་གསེས་རིམ་པ་གསུམ་དུ་བགར་ཆོག

  • སྤྱིར་བཏང་གི་སྤོལ་དགག་འགོག་སྲུང་ས་གནས། ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བ་དང་སྤོ་ལོ་སྟངས་འཛིན་པ་གཉིས་ཀྱི་འགུལ་སྐྱོད་མྱུར་མོ་མེད་སྐབས།

 
 
  • ཕར་རྒོལ་རྩེད་མོ་བའི་ནང་འཛུལ་སྤོལ་དགག ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བས་ཁྱོད་བསྐྱུར་ནས་སྤོལ་སྒྲོམ་ཕྱོགས་སུ་ནང་འཛུལ་བྱེད་པ།

 
 
  • སྤོ་ལོའི་འཇིགས་སྐུལ་སྤོལ་དགག སྤོ་ལོ་སྟངས་འཛིན་པས་སྤོ་ལོ་རྡེབ་ནས་ཁྱོད་ཕྱོགས་ཀྱི་སྤོལ་སྒྲོམ་ཐག་ཉེར་བཅར་བ།

ང་ཚོས་མ་འོངས་པར་བྱེ་བྲག་གི་ནང་དོན་རེ་རེར་ཞིབ་ཕྲའི་སྒོ་ནས་གྲོས་སྡུར་བྱ།