(1) དྲི་བ། ང་ཚོས་ཕར་རྒོལ་རྩེད་མོ་བས་སྤོལ་རྡེབ་འགོ་མ་བརྩམས་ཡར་སྔོན་ལ་ཇི་ལྟར་འགོག ༼ཕར་རྒོལ་རྩེད་མོ་བ་འཇིགས་སྐུལ་གསུམ་གྱི་ནང་དུ་ཡོད་སྐབས།༽

ལན། ད་ལྟ། ང་ཚོས་གཞི་རྩའི་འགོག་སྲུང་གི་ལུས་པོའི་གནས་སྟངས་དང་འགོག་མཁན་གྱི་ལངས་སྟངས་ལ་བློ་རྩེ་སྒྲིམ་དགོས། འདི་དག་གིས་སྤོལ་འཕེན་དང་སྤོལ་རྡེབ། ལག་བརྒྱུད་སོགས་༼འཇིགས་སྐུལ་གསུམ༽འགོག་ཐུབ།

 
defensive stance.jpeg
 
Audio Block
Double-click here to upload or link to a .mp3. Learn more
 
 
  • ཁོག་སྨད། པུས་མོ་ནང་དུ་བཀུག་ནས་ཁོག་སྨད་ཅི་ལྟར་དམའ་མོ་བྱས་ན་ཤིན་ཏུ་བཟང་ལ། འདི་ལྟར་བྱས་ན་ཁྱོད་ནི་ནམ་ཡང་ཕར་རྒོལ་བ་ལས་དམའ་མོར་ཡོད། རྐང་བ་གཉིས་ནི་ཁྱོད་ཀྱི་ལུས་ཤུགས་མང་ཆེ་བ་དང་ཕར་ཚུར་འགུལ་སྐྱོད་ཀྱི་རྟེན་གཞི་ཡིན་པས། ལྗིད་ཤུགས་དམའ་མོར་ཡོད་ན་འགུལ་སྐྱོད་མྱུར་དུ་བྱེད་སླ། ཁྱོད་ཀྱི་ལུས་པོ་དམའ་མོར་ཡོད་དུས་ལུས་རྩལ་བའི་ཉམས་འགྱུར་དང་ལྡན་ཞིང་། མཐོན་པོར་ཡོད་ན་དེ་ལྟ་མིན། ༼གལ་ཏེ་ཁྱོད་ཀྱི་རྐང་བ་གཉིས་ལ་སྟོབས་ཤུགས་མེད་ན། མགྱོགས་མྱུར་གྱིས་འགུལ་སྐྱོད་བྱེད་མི་ཐུབ།༽ རྐང་བ་གཉིས་ཀྱི་བར་ཐག་ནི་ཕྲག་ཞེང་ལས་ཅུང་ཆེ་རུ་བསྐྱེད་དགོས།

shoulder width.png
bend legs.png
 
Audio Block
Double-click here to upload or link to a .mp3. Learn more
 
 
  • ལུས་སྟོད། བྲང་ཁ་དྲང་མོར་ལངས་ནས་ལུས་སྟོད་ཅུང་ཙམ་མདུན་དུ་སྒུར་དགོས། ༼ལུས་པོའི་ལྗིད་ཤུགས་རྐང་བ་གཉིས་ཀའི་མགོ་རུ་ཆ་སྙོམས་ཀྱིས་འགྲེང་དགོས།༽

 
upper body.png
 
 
Audio Block
Double-click here to upload or link to a .mp3. Learn more
 
 
  • བར་ཐག ནམ་རྒྱུན་ཆེས་བཟང་བ་ནི་ཕར་རྒོལ་རྩེད་མོ་བ་དང་ལག་ཁུག་གཅིག་ལས་ཅུང་རིང་བའི་བར་ཐག་དགོས། སྤོལ་འཕེན་བྱེད་ན་ལག་པ་ཡར་བཀྱག་ནས་འགོག་ཐུབ་པའི་བར་ཐག་ཉེ་བོ་དང་། མྱུར་མོར་རྡེབ་ནས་སྤོལ་སྒྲོམ་ཕྱོགས་སུ་འགྲོ་བ་འགོག་ཐུབ་པའི་འདང་ངེས་ཀྱི་བར་ཐག་འོས་འཚམས་དགོས། ༼བར་ཐག་རིང་ཐུང་བར་གྱི་སྙོམས་ཚད་གལ་ཆེ།༽ མི་རེ་རེའི་གནས་བབ་མི་འདྲ་བས། འགོག་མཁན་ཚང་མས་རང་རང་ས་ནས་འགྱུར་བ་ཅུང་ཙམ་གཏོང་འོས།

 
distance.png
 
 
Audio Block
Double-click here to upload or link to a .mp3. Learn more
 
 
  • ལུས་པོའི་ཟུར་ཚད། ཁྱོད་ཀྱིས་རང་གི་ལུས་པོའི་གསེག་ཚད་ལ་བརྟེན་ནས་ཕར་རྒོལ་རྩེད་མོ་བ་མཐའ་ཐིག་དང་སྣེ་ཐིག་གི་ཕྱོགས་སུ་འདེད་དགོས།༼དཀྱིལ་དང་ཆ་གསུམ་གནས་ཀྱི་མགོ་ལས་རྒྱང་དུ་འདེད་དགོས།༽ གལ་སྲིད་ཁྱོད་ཀྱིས་ཆ་གསུམ་གནས་ཀྱི་མགོའི་ཉེ་འཁོར་དུ་འགོག་སྲུང་བྱེད་བཞིན་ཡོད་ན། འགོ་བརྩམས་མ་ཐག་ལུས་པོ་གསེག་ནས་སྣེ་ཐིག་གི་མཐའ་རུ་འདེད་པའི་ཐག་གཅོད་རང་གིས་བྱ་བ་ལས། ཕར་རྒོལ་བར་བྱེད་དུ་འཇུག་མི་རུང་།

Screen Shot 2021-04-21 at 6.50.27 PM.png
 
Audio Block
Double-click here to upload or link to a .mp3. Learn more
 
 
  • རྐང་བ། ཁྱོད་ཀྱི་རྐང་བ་ནང་མ༼རྩེད་ཐང་གི་དཀྱིལ་ལ་ཆེས་ཐག་ཉེ་བའི་རྐང་བ་དེ།༽་ཕར་རྒོལ་རྩེད་མོ་བའི་རྐང་བ་ནང་མ་ལས་རྩེད་ཐང་གི་དཀྱིལ་དུ་ཉེ་བར་བཅར་ཏེ། ཁྱོད་ཀྱི་བྲང་གཞོང་ཁོ་ཚོའི་འཕོང་ཚོས་དང་མཐོ་དམའ་མཉམ་དགོས། ཕྱི་རྟིང་མགོ་རུ་མ་ལངས་པར་རྐང་མགོ་རུ་ལངས་ན། ཁྱོད་ཀྱིས་འགུལ་སྐྱོད་མྱུར་དུ་བྱེད་ཐུབ། ཐོག་མར་ཁྱོད་ཀྱི་རྐང་མགོ་དྲང་མོར་ལངས་ནས་གཡས་གཡོན་ཕྱོགས་གཉིས་གང་རུང་དུ་འགྲོ་བར་མྱུར་ཚད་དགོས།

 
feet.png
 
 
Audio Block
Double-click here to upload or link to a .mp3. Learn more
 
 
  • ལག་ཟུང་དང་དཔུང་བ། ཁྱོད་ཀྱི་ལག་པ་ནང་མ་༼རྩེད་ཐང་གི་དཀྱིལ་ལ་ཆེས་བར་ཐག་ཉེ་བའི་ལག་པ།༽ ཕར་རྒོལ་རྩེད་མོ་བ་དང་ཉེ་བར་བཅར་ཏེ། སྤོལ་འཕེན་དང་ནང་ལོགས་སུ་ལག་བརྒྱུད། རྡེབ་ནས་ནང་དུ་འགྲོ་བ་སོགས་ལ་འགྲན་རྩོད་བྱེད་པའི་གྲ་སྒྲིག་དགོས། ཁྱོད་ཀྱིས་སྤོ་ལོའི་སྟེང་དུ་ལག་པས་རེག་ནས་གནོན་ཤུགས་སྤྲད་ཡང་ཆོག་མོད། སྒྲིག་འགལ་བྱེད་པར་སེམས་ཆུང་བྱ་དགོས། ༼སྤོ་ལོའི་སྟེང་དུ་རེག་པ་ལས་སྒྲིག་འགལ་སྣང་ཚུལ་འབྱུང་སླ༽ ཁྱོད་ཀྱི་ལག་པ་ཕྱི་མ་དམའ་མོ་བྱས་ཏེ་ཕར་རྒོལ་རྩེད་མོ་བའི་འགྲོ་ཕྱོགས་སུ་༼མཐའ་ཐིག་དང་སྣེ་ཐིག་གི་ཕྱོགས།༽བསྲིངས་དགོས་པར་མ་ཟད། ད་དུང་། སྤོལ་རྡེབ་དང་ལག་བརྒྱུད་ལ་འགྲན་རྩོད་དང་། ནམ་ཡང་ལག་པ་དམའ་མོ་བྱ་ཚད་ལའང་ཚད་གཞི་ངེས་ཅན་ཡོད།

 
hands.png
 
 
Audio Block
Double-click here to upload or link to a .mp3. Learn more
 
 
  • མིག་ཟུང་། ཕར་རྒོལ་ལུས་རྩེད་མོ་བའི་བྲང་གཞོང་ལ་ལྟ་དགོས། གལ་སྲིད་ཁྱོད་ཀྱིས་སྤོ་ལོའི་སྟེང་དུ་ཅེར་རེར་བལྟས་ཚེ། འཕེན་ཁུལ་དང་བརྒྱུད་ཁུལ་བྱས་ནས་ཁྱོད་ལ་བསླུ་བྲིད་གཏོང་སླ།

 
eyes.png
 
 
Audio Block
Double-click here to upload or link to a .mp3. Learn more
 

(2) དྲི་བ། གལ་སྲིད་ཕར་རྒོལ་རྩེད་མོ་བས་སྤོལ་འཕེན་དང་ལག་བརྒྱུད་བྱ་ན་ཇི་ལྟར་བྱེད།

ལན། ཁྱོད་ཀྱི་ལག་པ་ནང་མ་༼སྤོ་ལོའི་མེ་ལོང༽ལྟ་བུ་བྱོས། དེའི་དོན་ནི་ལག་པ་སྤོ་ལོའི་རྗེས་སུ་དེད་ནས་འགོག་དགོས། འདིས་ནི་སྤོལ་འཕེན་དང་ལག་བརྒྱུད་བྱེད་པ་འགོག ཁྱོད་ཀྱི་ལུས་པོ་ངེས་པར་དུ་དམའ་མོ་བྱ་དགོས་པ་ལས། འགོག་སྲུང་གི་འདུག་སྟངས་ལས་དྲང་མོར་ལངས་པའམ་མཆོང་་མི་རུང་།

mirror (1).gif

(3) དྲི་བ། གལ་སྲིད་སྤོལ་འཕེན་དང་ལག་བརྒྱུད་འགྲན་རྩོད་ཁྲོད། ང་ཚོའི་འགོག་སྲུང་གི་ལངས་སྟངས་དང་མཆོང་ཚད་ཤིན་ཏུ་མཐོ་ན་ཅི་ཞིག་འབྱུང་།

ལན། གལ་སྲིད་ཕར་རྒོལ་རྩེད་མོ་བས་སྤོ་ལོ་འཕེན་ཁུལ་ལམ་བརྒྱུད་ཁུལ། མྱུར་རྡེབ་བྱས་ནས་འགྲོ་ན། ཁྱོད་ཀྱིས་ངེས་པར་དུ་འགོག་སྲུང་གི་ས་གནས་རྒྱུན་སྐྱོང་བྱེད་དགོས། གལ་སྲིད་ཁྱོད་འདུག་སྟངས་ལས་མཐོན་པོར་ལངས་པའམ་མཆོང་ན། ཕར་རྒོལ་རྩེད་མོ་བས་སྤོལ་རྡེབ་བྱས་ནས་ཁྱོད་རྗེས་སུ་བསྐྱུར་སླ་ལ། ཡང་ན་ཁྱོད་ཀྱིས་ཁོ་ཚོར་སྒྲིག་འགལ་ཡང་བྱེད་སླ། ༼གཉིས་ཀས་སྤོལ་འཕེན་གཟུ་ཚད་མཐོན་པོར་སླེབས་སུ་འཇུག༽ད་དུང་། གལ་སྲིད་ཁོ་ཚོས་དངོས་སུ་སྤོལ་འཕེན་བྱེད་ན། ཁྱོད་ཀྱིས་པང་སྤོལ་ལེན་སའི་ས་གནས་ཡག་ཤོས་འཛིན་པ་དང་། ༼འདིའི་སྐོར་ང་ཚོས་རྗེས་ནས་བཤད།༽གལ་སྲིད་ཁོ་ཚོས་གཞན་པ་ཞིག་ལ་ལག་བརྒྱུད་བྱས་ན། ཁྱོད་ཀྱིས་མུ་མཐུད་དུ་ཁོ་ཚོ་འགོག་སྲུང་བཟང་བོ་བྱེད་དགོས། ༼འདིའི་སྐོར་ནས་ང་ཚོས་རྗེས་ནས་བཤད།༽

༼འདི་ནི་འགོག་སྲུང་བྱས་པ་མི་བཟང་བའི་མ་དཔེ་ཞིག་སྟེ། རྒྱུ་མཚན་འཕེན་ཁུལ་བྱེད་སྐབས་འགོག་མཁན་གྱི་ལུས་པོ་མཐོ་དྲགས་སོང་།༽

༼འདི་ནི་འགོག་སྲུང་བྱས་པ་མི་བཟང་བའི་མ་དཔེ་ཞིག་སྟེ། རྒྱུ་མཚན་འཕེན་ཁུལ་བྱེད་སྐབས་འགོག་མཁན་གྱི་ལུས་པོ་མཐོ་དྲགས་སོང་།༽


(4) དྲི་བ། གལ་སྲིད་ཕར་རྒོལ་རྩེད་མོ་བས་མྱུར་མོར་རྡེབ་ནས་འགྲོ་ཁུལ་༼གོམ་པ་སྤོ་ཁུལ།༽བྱ་ན་ཇི་ལྟར་བྱེད། 

ལན། གོམ་པ་སྤོ་ཁུལ་བྱེད་པ་ལ་རྣམ་འགྱུར་ཚབས་ཆེན་མ་སྟོན།༼དཔེར་ན། གོམ་པ་སྤོ་ཁུལ་བྱེད་པའི་ཕྱོགས་སུ་གོམ་པ་ཧ་ཅང་མང་བོ་མ་སྤོ།༽ དེ་མིན་ན་ཕར་རྒོལ་རྩེད་མོ་བར་ཕྱི་སྣུར་དང་སྤོལ་འཕེན། ཕྱོགས་གཞན་ལ་མྱུར་མོར་རྡེབ་ནས་འགྲོ་བའི་བར་སྟོང་ཡངས་པོ་ཡོད། རྣམ་འགྱུར་འོས་འཚམས་བསྟན་ན། ཁྱོད་ཀྱིས་འཇིགས་སྐུལ་གསུམ་གྱི་འདེམ་གསེས་གང་རུང་འགོག་ཐུབ། སྤྱིར་བཏང་འདི་ནི་གོམ་པ་སྤོ་ཁུལ་བྱེད་པའི་ཕྱོགས་སུ་གོམ་པ་མྱུར་མོར་སྤོས་རྗེས། ཕྱིར་རྒྱུན་ལྡན་གྱི་ས་གནས་སུ་མྱུར་མོར་སླེབས་དགོས།

༼བརྙན་ཐུང་འདི་ནི་འགོག་སྟངས་ཀྱི་མ་དཔེ་ཙམ་མིན་པར། འགོག་མཁན་གྱིས་གོམ་པ་སྤོ་ཁུལ་ལ་རྣམ་འགྱུར་ཚབས་ཆེན་བསྟན་པའི་མཇུག་འབྲས་ཡིན།༽

༼བརྙན་ཐུང་འདི་ནི་འགོག་སྟངས་ཀྱི་མ་དཔེ་ཙམ་མིན་པར། འགོག་མཁན་གྱིས་གོམ་པ་སྤོ་ཁུལ་ལ་རྣམ་འགྱུར་ཚབས་ཆེན་བསྟན་པའི་མཇུག་འབྲས་ཡིན།༽


ནུས་རྩལ་བསྐྱར་སྦྱོང་། གཏན་འཇགས་ཀྱི་སྤོ་ལོ་ཡོད་མི་འགོག་སྲུང་།


ནུས་རྩལ་བསྐྱར་སྦྱོང་། འགོག་མཁན་གྱི་ལངས་སྟངས།

འདི་ནི་ཁྱོད་ཀྱིས་ས་གནས་གང་རུང་ནས་བསྐྱར་སྦྱོང་བྱ་ཆོག སྦྱོང་བརྡར་སྐབས་སུ་འགོག་མཁན་གྱི་ལངས་སྟངས་རྣམ་པ་རྒྱུན་སྐྱོང་དང་། ལུས་དམའ་མོ་བྱ་རྒྱུ་སེམས་ལ་ཟུངས། གལ་སྲིད་ཆ་རྐྱེན་ཡོད་ཚེ་གཞན་གྱིས་ཁྱོད་ལ་ཕུ་རྒྱག་བྱེད་དུ་བཅུག་ནས། རང་གི་རྐང་བ་གཉིས་མ་འགུལ་བར་བརྟན་པོ་ཡོད་མེད་དང་ལངས་སྟངས་འགྲིག་མིན་བཅས་ལ་བརྟག་དཔྱད་བྱ་ཆོག འདི་ལྟར་དུས་ཡུན་སྐར་ཆ་༡༠ཙམ་ལ་རྒྱུན་སྐྱོང་བྱས་ནས་ལངས་དགོས།

stance.gif

ནུས་རྩལ་བསྐྱར་སྦྱོང་། འཇིགས་སྐུལ་བྱེད་ཐབས་གསུམ་འགོག་སྲུང་། ༼བྱེད་ཁུལ།༽

ཕར་རྒོལ་རྩེད་མོ་བས་སྤོ་ལོ་བཟུང་ནས་འཇིགས་སྐུལ་བྱེད་ཐབས་གསུམ་གྱི་རྣམ་འགྱུར་འཁྲབ་ཁུལ་དང་། ༼འཕེལ་ཁུལ། བརྒྱུད་ཁུལ། གོམ་པ་སྤོ་ཁུལ།༽ འགོག་སྲུང་རྩེད་མོ་བས་འོས་འཚམས་ཀྱིས་འགོག་སྲུང་བྱས་ཏེ། དུས་ཡུན་སྐར་ཆ༡༠ཙམ་ལ་རྒྱུན་སྐྱོང་བྱ་དགོས། 

ball fakes.gif