(1) དྲི་བ། སྤོ་ལོ་རྩེ་བའི་དམིགས་འབེན་གཙོ་བོ་ཅི་ཞིག་ཡིན།

ལན། མི་རྣམས་ཀྱིས་སྤོ་ལོ་རྩེ་བ་ལ་རྒྱུ་མཚན་མི་འདྲ་བ་མང་། རྩེད་མོ་དང་གཟུགས་གཞི་བདེ་ཐང་། འབྲེལ་འདྲིས། ཡོང་སྒོ་འཚོལ་ཆེད་སོགས་ཡིན། གལ་སྲིད་དམིགས་འབེན་གཙོ་བོ་འགྲན་སྡུར་ལས་རྒྱལ་རྒྱུ་དེ་ཡིན་ན། འགྲན་སྡུར་མཇུག་སྒྲིལ་སྐབས་ཁྱོད་ལ་རང་གི་འགྲན་ཡ་ལས་སྐར་མ་མང་ཙམ་དགོས།

 

(2) དྲི་བ། ཁྱོད་ཀྱིས་ཇི་ལྟར་དམིགས་འབེན་མངོན་འགྱུར་བྱེད།

ལན། དེ་ལ་ཚང་དགོས་པའི་ཆ་རྐྱེན་མང་བོ་ཞིག་ཡོད། ཡིན་ནའང་། ཐོག་མར་འགྲན་སྡུར་གཅིག་ཆ་ཤས་མང་བོར་བགོས་ཏེ། སྤོ་ལོ་འགྲན་སྡུར་གྱི་ཆ་ཤས་རེ་རེའི་དཔེ་མཚོན་ལ་བདག་དབང་ཟེར།

 

(3) དྲི་བ། ཅི་ཞིག་ལ་བདག་དབང་ཟེར།

ལན། ཁྱོད་ཀྱི་རུ་ཁག་གིས་སྤོ་ལོ་བཟུང་ནས་ཕར་རྒོལ་བྱེད་ཐེངས་རེར། ཁྱོད་ཀྱི་རུ་ཁག་ལ་མཚོན་ན་ཕར་རྒོལ་བདག་དབང་ཡོད།༼ཁྱོད་ཀྱི་འགྲན་ཡ་ལ་འགོག་སྲུང་བདག་དབང་ཡོད།༽ ནམ་རྒྱུན་ཁྱོད་ཀྱི་འགྲན་ཡ་ལ་སྤོ་ལོ་ཐོབ་སྐབས། ༼ཁྱོད་ཀྱིས་འགོག་སྲུང་བྱེད་དགོས༽ འདིས་ནི་ཁྱོད་ཀྱི་རུ་ཁག་ལ་འགོག་སྲུང་བདག་དབང་ཡོད་པ་མཚོན། ༼ཁྱོད་ཀྱི་འགྲན་ཡའི་རུ་ཁག་ལ་ཕར་རྒོལ་བདག་དབང་ཡོད།༽

 

(4) དྲི་བ། ནམ་ཞིག་བདག་དབང་གི་མཇུག་རྫོགས་པའམ་བརྗེ་རེས་བྱེད་བཞིན་ཡོད།

ལན། ནམ་རྒྱུན་ཁྱོད་ཀྱི་འགྲན་ཡ་ལ་སྤོ་ལོ་ཕྱིར་ཐོབ་ཐེངས་རེར།༼སྤོལ་ཤོརདྲ་འཛུལའགོག་སྲུང་པང་སྤོལ།༽ཁྱོད་ཀྱི་བདག་དབང་གི་མཇུག་རྫོགས་པའམ་བརྗེ་རེས་བྱེད་དགོས། ༼གསལ་བཤད། མི་ལ་ལས་ཕར་རྒོལ་པང་སྤོལ་ཐོབ་ན་བདག་དབང་གསར་བ་ཡོད་པར་བལྟ། རྒྱུ་རྐྱེན་སླ་རུ་བཏང་ན། ང་ཚོས་གཅིག་གྱུར་གྱི་སྤོ་ལོ་སྟངས་འཛིན་བྱ་བ་ལ་གོ༽

 

(5) དྲི་བ། བདག་དབང་རེ་རེ་མངོན་འགྱུར་བྱེད་པའི་ཐབས་ལེགས་ཤོས་ཅི་རེད།

ལན། བདག་དབང་ཚང་མ་འགྲན་སྡུར་གྱི་ཆ་ཤས་ཆུང་ངུ་རེ་རེར་བགོས་ནས། རྒྱལ་མཁན་དང་ཕམ་མཁན་གཉིས་སུ་གཏོགས། གལ་སྲིད་ཁྱོད་ཀྱི་རུ་ཁག་གིས་བདག་དབང་དེའི་ཁྲོད་ནས་ཐོབ་སྐར་བླངས་ཚེ། ཁྱོད་འགྲན་སྡུར་གྱི་ཆ་ཤས་ཆུང་ངུ་ཞིག་ལས་རྒྱལ་བ་དང་། གལ་སྲིད་ཁྱོད་ཀྱི་འགྲན་ཡ་ཡིས་བདག་དབང་དེའི་ཁྲོད་ནས་ཐོབ་སྐར་བླངས་ཚེ། ཁྱོད་འགྲན་སྡུར་གྱི་ཆ་ཤས་ཆུང་ངུ་དེ་ལས་ཕམ་པ་རེད། དེ་ལྟར་མཐའ་མའི་ཐོབ་སྐར་ནི་འགྲན་སྡུར་གྱི་ཆ་ཤས་ཆུང་ངུ་ཡོད་ཚད་ཀྱི་སྡོམ་སྐར་དང་། ཡང་ན་ཕར་རྒོལ་བདག་དབང་དང་འགོག་སྲུང་བདག་དབང་གི་གྲུབ་འབྲས་ཡིན། གལ་སྲིད་ཁྱོད་ཀྱི་རུ་ཁག་གི་བདག་དབང་འགྲན་ཡ་ལས་མང་ཚེ། ཁྱོད་ལ་འགྲན་སྡུར་ཆ་ཚང་ལས་རྒྱལ་བའི་རེ་བ་ལྷག་ཏུ་ཆེ།

 

(6) དྲི་བ། འགྲན་སྡུར་རེ་རེར་བདག་དབང་ག་ཙམ་ཡོད། 

ལན། འདི་ནི་ཕྱོགས་མང་བོ་ལ་འབྲེལ་བ་ཡོད་མོད། འོན་ཀྱང་2018-2019ལོའི་NBAདུས་ཚིགས་ལ་མཚོན་ན། ཆ་སྙོམས་ཀྱི་བདག་དབང་200ཡོད། ༼ཕར་རྒོལ་བདག་དབང་100དང་འགོག་སྲུང་བདག་དབང་100ཡོད།༽

 

(7) དྲི་བ། བདག་དབང་རེ་རེའི་ཡུན་ཚད་ག་ཙམ་ཡིན།

ལན། NBA ཡི་ཕར་རྒོལ་དུས་བཅད་ནི་སྐར་ཆ24ཡིན་པས། ཆེས་རིང་བའི་ཕར་རྒོལ་དང་འགོག་སྲུང་གི་བདག་དབང་ཡང་སྤྱིར་བཏང་སྐར་ཆ་24ཡིན། ༼ཕར་རྒོལ་བར་ལྕགས་དྲ་ལ་རེག་པའི་པང་སྤོལ་ཕྱིར་ཐོབ་པའམ། ཡང་ན་མཇུག་མཐའི་སྐར་ཆ14ལས་ཉུང་སྐབས་སྒྲིག་འགལ་བྱས་ན། བདག་དབང་གི་ཡུན་ཚད་ཇེ་རིང་དུ་འགྲོ། རྒྱུ་མཚན་ཕར་རྒོལ་དུས་བཅད་ཡང་བསྐྱར་སྐར་ཆ༡༤་ལ་སྒྲིག་ཡོད།༽ ཕར་རྒོལ་བའི་སྤོལ་འཕེན་མྱུར་ཚད་དང་སྤོལ་ཤོར་དབང་གིས། སྤྱིར་བཏང་བདག་དབང་གི་ཡུན་ཚད་སྐར་ཆ་24ལས་ཤིན་ཏུ་མགྱོགས། 2018-2019 དུས་ཚིགས་ནང་དུ། NBA བདག་དབང་གི་ཆ་སྙོམས་ཀྱི་མྱུར་ཚད་ནི་སྐར་ཆ་14.4རེད།

 

(8) དྲི་བ། ཅིའི་ཕྱིར་འགྲན་སྡུར་ཞིག་ཆ་ཤས་ཆུང་ངུ་རེ་རེར་བགོས་པ་དང་། དཔེར་ན་བདག་དབང་རེ་རེ་དེ་འདྲའི་གལ་འགངས་ཆེ་དོན་ཅི་ཡིན།

ལན། འགྲན་སྡུར་ཆ་ཚང་ལ་དུས་གཅིག་ཏུ་བློ་རྩེ་སྒྲིམ་དགོས་ཚེ་ཤིན་ཏུ་དཀའ་ཞིང་། དེ་ལས་ལྡོག་སྟེ། བདག་དབང་རེ་རེར་བློ་རྩེ་སྒྲིམ་ནས་སྐབས་ཐོབ་ཀྱི་དམིགས་འབེན་མངོན་འགྱུར་ཐུབ་ན། དམིགས་འབེན་རེ་རེ་རྒྱལ་ཁའི་ངང་མངོན་འགྱུར་འབྱུང་སྲིད།